设为首页
收藏本站
切换到宽版
开启辅助访问
帐号
密码
登录
注册
忘记密码
搜索
搜索
热搜:
海南州
租房
求职招聘
旅游
美食
首页门户
Portal
论坛社区
BBS
资讯导读
Guide
百姓话题
求职招聘
美食推荐
论坛公告
旅游生活
美图欣赏
广播
Follow
动态
Space
城事
百姓话题
在线茶馆
美图欣赏
教育培训
生活
房产信息
宠物之家
同城交友
旅游生活
影音娱乐
车友之家
消费
美食推荐
网上集市
装修选材
商家自荐
分类
企业招聘
个人求职
房屋出租
跳蚤市场
房屋出售
便民信息
本版
文章
帖子
用户
海南州在线
»
论坛社区
›
魅力海南州
›
百姓话题
›
省第六届民运会即将到来<藏文版>
城市大秀场
热门推荐:
自定内容
自定内容
自定内容
自定内容
自定内容
自定内容
招聘抖音语音主播(
玉米青储饲料
玉米青储饲料,详情
求职
锅圈食汇火锅烧烤食
转让蒸汽牛肉面
旺铺转让
返回列表
查看:
1293
|
回复:
0
省第六届民运会即将到来<藏文版>
[复制链接]
admin
admin
当前离线
积分
2032
414
主题
419
帖子
2032
积分
管理员
积分
2032
收听TA
发消息
发表于 2017-7-19 22:45:06
|
显示全部楼层
|
阅读模式
ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ་དུ། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཟླ8ཚེས14ཉིན་ནས་ཚེས19ཉིན་བར་རང་ཁུལ་གྱི་གུང་ཧོ་རྫོང་དུ་སྤེལ་རྒྱུ་ཡིན་ལ། ཚོགས་རྟགས་དང་བཀྲ་ཤིས་གཡང་ནོར། ཚོགས་གླུ་བཅས་དུས་མཚུངས་སུ་བསྟན་པ་རེད།


ལོ་བཞི་རེར་ཐེངས་རེ་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་བྱེད་སྒོ་རིམ་པ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཤིག་ཡིན་ལ། དེ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྟོན་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཆབ་སྲིད་འགན་གལ་ཆེན་མཚོན་པའི་དམིགས་བསལ་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་བྱེད་པ་རེད།


ཤེས་རྟོགས་བྱུང་གསལ་དུ། ཐེངས་འདིའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱིས
“མཐུན་སྒྲིལ་དང་། ཞི་མཐུན། འབད་བརྩོན། དཔའ་སྐྱེད”ཅེས་པ་བརྗོད་དོན་དུ་བྱས་ཡོད་ལ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་། ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བླངས་ཡོད། སྐབས་ཐོག་ཏུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རང་སྐྱོང་ཁུལ་དྲུག རང་སྐྱོང་རྫོང་བདུན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་ཁྱོན་བསྡོམས་འཐུས་ཚབ་ཚོགས་པ19འགྲན་ཚོགས་སུ་ཞུགས་ཡོད་ལ། མིང་ཐོ་བཀོད་པའི་གནས་ཚུལ་ལ་གཞིགས་ན། ཐེངས་འདིའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སུ་ཁྱོན་བསྡོམས་མི་གྲངས1500ཞུགས་ཡོད་པས། ཐེངས་སྔོན་མ་ལས་མི300ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད། འགྲན་ཚན་བཀོད་སྒྲིག་ལ། གཟེབ་གྲུག་དང་། རྐང་རྩེད་སྤོ་ལོ། དྲག་རྩལ། གླང་ཆེན་ས་བཤགས། ཐག་འཐེན། ས་སྒྱེ་འདེགས་པ། གྲངས་ཉུང་མི་རིགས་ཀྱི་མདའ་འཕེན་པ། གྲངས་ཉུང་མི་རིགས་ཀྱི་སྦེ་ག རྟ་རྩལ། གཡག་རྒྱུག་བཅས་འགྲན་ཚན་རྣམ་གྲངས10དང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འཁྲབ་སྟོན་འགྲན་ཚན་གཅིག་བཅས་ཡོད་པ་རེད། ད་ཐེངས་ཀྱི་འགྲན་ཚོགས་འདི་སྔོན་ཆད་ཀྱི་འགྲན་ཚོགས་དང་བསྡུར་ན་མི་འདྲ་བ་ཞིག་ཡོད་པ་ནི། འགྲན་ཚན་དུ་སྐྱེས་པའི་རྐང་རྩེད་སྤོ་ལོ་དང་བུད་མེད་ཀྱི་མདའ་འཕེན་འགྲན་བསྡུར་གཉིས་ཐོག་མར་གསར་དུ་བསྣན་ཡོད་པ་མ་ཟད། མི་རིགས་མདའ་འཕེན་འགྲན་ཚན་དེ་སྔོན་ཆད་ཀྱི་གཅིག་ནས་གསུམ་དུ་སྤར་ཡོད་པས། འདི་ནི་སྐབས་འདིའི་འགྲན་ཚོགས་ཀྱི་ཁྱད་ཆོས་ཤིག་དང་བཀྲག་མདངས་འཚེར་ས་ཞིག་ཀྱང་རེད།


གསལ་པོར་བསྟན་པའི་ཚོགས་རྟགས་ནི་རླུང་གཡོའི་ཁ་བཏགས་དང་། གར་གཟུགས་ཀྱི་ཚོན་རས། མུ་བྲལ་མཐོ་སྒང་། སྔོ་བསངས་ཀྱི་མཚོ་སྔོན་པོ། མཆོང་བསྐྱོད་ཀྱི་ལུས་རྩལ་པ་བཅས་རྒྱུ་ཆར་བྱས་ཏེ་མཚོ་སྔོན་དང་མཚོ་ལྷོའི་རྒྱ་ཡིག་གི“མཚོ”ཞེས་པ་དང་། གུང་ཧོ་རྫོང་གི་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་ཐོག་མ“G”ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་གྲངས་ཀ“6”བཅས་ཇུས་འགོད་གཞིར་བྱས་ནས་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་བསྣབས་ལ་དཔའ་སྐྱེད་འབད་བརྩོན་དང་ཞུམ་མེད་ཡར་ཐོན་གྱི་ལུས་རྩལ་བུ་རྒོད་ཅིག་གི་སྣང་བརྙན་བསྐྲུན་ཡོད་པ་རེད། ཚོགས་གླུ་ནི་ཆབ་འགག་རྡོ་རྗེ་ཚེ་རིང་གིས་གླུ་ཚིག་བྲིས་པ་དང་། ཉི་མ་ཚེ་རིང་གིས་དབྱངས་བརྩམས་པའི《སྐུ་ཉིད་མཚོ་ལྷོ་རུ་ཕེབས་པར་དགའ་བསུ་ཞུ》ཞེས་པ་ཡིན་པ་རེད། བཀྲ་ཤིས་གཡང་ནོར“སྐྱིད་སྐྱིད”ནི་མཚོ་ལྷོ་ཁུལ་གྱི“མཚོ་སྐོར་གཡང་ཟོག”ཞེས་པ་མ་དབྱིབས་སུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་སྔུན་བསུའི“དགའ་སྐྱིད་འཁོལ་བ”དང“དགའ་སྐྱིད་མཉམ་འཛོམས”ཀྱི་ནང་དོན་མཚོན་ཡོད་པ་རེད། “སྐྱིད་སྐྱིད”ཀྱི་ལུས་ཧྲིལ་པོར“མཚོ་སྔོན་གྱི་ལྗང་མདོག”མངོན་ཡོད་ལ། ལུས་སུ་བོད་ཀྱི་སྔོ་མདོག་གཟབ་མཆོར་ལེགས་པར་སྤྲས་ཡོད་པ་དང་། ཞབས་སོར་ནི་མཚོ་སྔོན་པོའི་སྤྲིན་བཟང་ཟེགས་མར་སྤེལ་ཡོད་པ་དེ་ལས“མཛེས་པའི་མཚོ་སྔོན་པོ། སྐྱིད་པའི་མཚོ་ལྷོ་ཁུལ”ཞེས་པ་མཚོན་ཡོད་པ་རེད། །
回复
使用道具
举报
返回列表
发表回复